འདྲ་སྐད་དུ་གློ་ཟུངས་ཀྱི་མིང་ལ་ཆབ་མ་ཞེས་འབོད་པ་དང་།…
- User
འདྲ་སྐད་དུ་གློ་ཟུངས་ཀྱི་མིང་ལ་ཆབ་མ་ཞེས་འབོད་པ་དང་། ས་ཆ་མང་པོར་གློ་ཟུངས་ཆ་རེ་འདོགས་ཀྱང་ཡུལ་འདིའི་མི་ཕལ་མོ་ཆེས་གློ་གཡས་སུ་གློ་ཟུངས་ཡ་རེ་ལས་མི་འདོགས། གློ་ཟུངས་དེའི་སྣེ་རུ་ཡེད་ཅིང་རིས་ཟེར་བའི་དུང་དང་མུ་ཏིག་གི་ཕྲེང་བ་ཉིས་གཤིབ་ཅིག་དཔྱངས་པའི་ཚུལ་གྱིས་ལྟག་རྒྱབ་ཀྱི་སྐ་རགས་གསེང་དུ་འཐེན་ཡོད་ལ། གློ་གཡོན་དུ་འགྲམ་ཟུའམ་གློ་གྲི་ཟ་ཁ་ཡར་འཁྱིལ་དང་ཁབ་ཤུབས་སོགས་འདོགས་སྲོལ་ཡོད། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གིས། ཡུལ་འདིར་སྐད་དང་གོམས་སྲོལ། བཟའ་བཏུང་། གོས་རྒྱན། འཛུགས་སྐྲུན། རྫ་བཟོ་སོགས་གཞན་ན་དཀོན་པའི་རིག་གནས་ཕུན་སུམ་ཚོགས་པ་བསྐྲུན་ཡོད་པས། འདྲ་ཁོག་ནི་རྒྱལ་ཕྱི་ནང་གི་ཞིབ་འཇུག་མཁན་མང་པོའི་ཡིད་དབང་འཕྲོག་པའི་རིག་གནས་ཀྱི་གཏེར་མཛོད་ཅིག་ཏུ་གྱུར་ཡོད་ཅེས་ལབ་ཀྱང་མི་འགབ་པ་མེད་པའི་ཚོད་ཡིན་ལ། དེ་ལས་ཀྱང་ཁ་དོག་གི་སྡེབ་སྦྱོར་དང་དམིགས་བསལ་གྱི་གྱོན་སྟངས། ཐུན་མིན་གྱི་མཛེས་དཔྱོད་རིན་ཐང་ལྡན་པའི་གོས་རྒྱན་རིག་གནས་ནི་འདྲ་ཁོག་གི་གཟི་འོད་ཆེ་ཤོས་ཤིག་ཏུའང་སྣང་ངོ་། ། 翻译成中文
- Assistant
当然可以,以下是你的藏文内容的中文翻译:
Other models, same or similar prompt
Responses were produced in different, uncontrolled contexts (system prompts, settings, prior turns). This is not a benchmark.